གཡུང་དྲུང་ཕུན་ཚོགས་ཀྱི་ཉིན་ཐོ།


ཐེ་ལ་མོ་ཏོ་ཨེང་ག་



ཐོ་ཡ་མ་རྫོང་(富山県)ཁོངས་རྫཱོ་ཧ་ན་(城端)ཟེར་པའི་གྲོང་ཁྱེར་ནང་སཱོ་ལིང་རྫི་(宗林寺)ཟེར་བའི་དགོན་པ་ཅིག་ཡོད། དགོན་པ་དེར་བོད་ལ་དང་པོ་མྱུལ་མཁན་ཉི་ཧོང་མི་ཐེ་ལ་མོ་ཏོ་ཨེང་ག་(寺本婉雅)བོད་མིང་ཐུབ་བསྟན་བཟོད་པ་ཞུ་མཁན་དེ་དང་འབྲེལ་ཡོད་ཡིག་ཆ་རིག་རྫས་རྣམས་ཉར་ཚགས་བྱས་ཡོད་པ་སྔར་ནས་གོ་ཐོས་བྱུང་ཡོད་པས། ཕྱི་ཟླ་ལྔ་པའི་ཟླ་ཤར་ཉིན་ཤས་རིང་དགོན་པ་དེར་དངོས་སུ་བཅར་ནས་ཞིབ་ཏུ་དཔྱད། དགོན་པ་དེའི་མཛོད་ཆུང་ནང་ནས་ཐེ་ལ་མོ་ཏོ་ཁོང་རང་གིས་གདན་འདྲེན་ཞུས་པའི་བོད་ཡིག་དཔེ་ཆ་པོད་ཁ་ཤས་དང་པཱ་ལི་སྐད་ཀྱི་པོད་གཅིག(འདི་ཅིང་གོང་མ་ཆེན་མོའི་རྒྱལ་སྲས་ཤིག་ནས་གནང་བ་ཞིག་ཡིན་) ད་དུང་ཁོང་ཉིད་ཨ་མདོ་སྐུ་འབུམ་ལ་སློབ་གཉེར་གནང་སྐབས་ཀྱི་ལག་བྲིས་མ་རྣམས་རྙེད་བྱུང་པས་དགའ་སྤྲོ་ཤིན་ཏུ་ཆེ་བ་བྱུང་།
名前: コメント:

འགྲེམས་སྟོན་《བོད་: དམ་ཆོས་རྩད་གཅོད་འགྲུལ་པ་》




ཨོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོ་ལ་སྐུ་ཐང་ལ་སོགས་བོད་ཀྱི་རིག་རྫས་མི་ཉུང་པ་ཞིག་བཞུགས་སུ་གསོལ་ཡོད་ལ། དེ་དག་རྒྱ་ཆེ་གཟིགས་པ་པོའི་སྤྱན་ལམ་དུ་འབུལ་ཆེད་སློབ་ཆེན་ནང་ཡོད་འགྲེམས་སྟོན་ཁང་ལ་ཕྱི་ཟླ་བརྒྱད་པའི་ཚེས་པ་ལྔའི་བར་འགྲེམས་སྟོན་ཞུ་བཞིན་ཡོད། ད་ལམ་འགྲེམས་སྟོན་ཞུ་བཞིན་ཡོད་པའི་རིག་རྫས་ནང་ཁ་ཤས་ནི་ནཱོ་མི་ཡུ་ཐ་ཁ་(能海寛)ཞུ་མཁན་དང་ཏེ་ལ་མོ་ཏོ་ཨེང་ག་(寺本婉雅)ཞུ་མཁན་གཉིས་ཀྱིས་གདན་འདྲེན་ཞུས་པ་དེ་རེད། ཁོང་གཉིས་ཉི་ཧོང་སངས་རྒྱས་ཆོས་ལུགས་ནང་ཚན་“ཞིང་ཞུ་”ཟེར་པ་ཚེ་དཔག་མེད་ལ་དམིགས་སུ་ཡིད་སྨོན་ཞུ་མཁན་གྱི་ཆོས་ལུགས་ཀྱི་གྲྭ་པ་ཡིན་ལ། དམ་ཆོས་རྩ་བ་ཞིབ་ཏུ་གཅོད་ཆེད་བོད་ལ་འགྲོ་མཁན་རེད། ཕྱི་ལོ་༡༨༩༩ལོར་དར་རྩེ་མདོར་རྒྱུད་ཁམས་འབའ་ཐང་ལི་ཐང་འགྲིམས་པ། ཉི་ཧོང་མི་ནང་ནས་བོད་ལ་མྱུལ་མཁན་དང་པོ་ཡིན། རྒྱ་ཆེན་གཟིགས་པ་པོ་རྣམས་ལ་ཞུ་རྒྱུ། ཁོང་གཉིས་གཙོ་་བྱེད་འདི་ཀ་སློབ་ཆེན་དང་འབྲེལ་པ་ཡོད་མི་རྣམས་ཀྱི་གདན་ཞུས་སྐུ་ཐང་སོགས་བོད་ཀྱི་རིག་རྫས་གཟིགས་པ་རྒྱུད་ལོ་བརྒྱ་ཕྲག་གཅིག་གོང་དཀའ་ངལ་ཆེད་དུ་བསལ་ནས་དམ་ཆོས་རྩད་གཅོད་བྱེད་མཁན་ཁོང་གཉིས་ཀྱི་མཛད་རྗེས་དྲན་པར་གནང་རོགས་ཞུ།


カテゴリ: [ཉིན་རེའི་བསམ་འཆར།] - TrackBack(0) - 2007年05月31日 00:00:36
名前: コメント:

ཉིན་ཐོ་མ་བྲིས་པར་



ཉིན་ཐོ་བོད་ཡིག་ཐོག་མ་བྲིས་པར་ཟླ་ཤས་ཕྱིན་སོང་། ཁ་ཙང་སློབ་ཕྲུག་གཉིས་ངའི་རྩར་ཡོང་ནས་ང་རང་ལ་web siteཡོད་མེད་སྐོར་དྲིས། ཉིན་ཐོ་བོད་ཡིག་ཐོག་བྲིས་ཡོད་ལ་དེང་སང་མ་བྲིས་པར་ཟླ་ཤས་སོང་ཟེར་ཙ་ན་སློབ་ཕྲུག་ཚོ་བློ་ཕམ་བྱུང་ཟེར།


カテゴリ: [ཉིན་རེའི་བསམ་འཆར།] - TrackBack(0) - 2007年04月24日 11:20:21
  • གཡུང་དྲུང་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་རང་གི་སློབ་མ་རྣམས་ཀྱི་སྐད་ཆ་བདེན་པ་རེད། ང་རང་ཡང་ཁྱེད་རང་གི་བོད་ཡིག་གང་འདྲས་སུ་བྲིས་ཀྱི་ཡོད་མེད་དོ་སྣང་ཆེན་མོ་བྱུང་སོང་། -- དོན་གྲུབ་ (2007-04-29 16:18:03)
名前: コメント:

ལོ་ཟླ་མྱུར་མགྱོགས་འགྲོ་བ།



ལོ་ཟླ་ནི་མྱུར་མགྱོགས་འགྲོ་བ། འདིར་ཉིན་ཐོ་ཡི་གེ་མ་བྲིས་པར་ཟླ་བ་གཅིག་ལྷག་སོང་། དུས་ཚོད་འགྲོ་བ་ནི་ཤིན་ཏུ་མགྱོགས། ཕྲན་ལོ་བཞི་བཅུར་སླེབས་གྲབས་འདུག་ལ་གཞོན་ནུ་ལོ་ཉི་ཤུ་པ་ཡིན་པ་ཁ་ཙང་ཡིན་པར་མཚོར། མི་ཚེ་གཅིག་ནི་གློག་རྒྱུགས་པ་ལྟར་ཐུང་པ་ཚེ་རིང་ལས་བཟང་བསག་པ་ཤིན་ཏུ་དཀའ་བར་སྣང་། རང་བྱེད་དགོས་པའི་བྱ་བ་རྣམས་གང་ནུས་ནུས་མགྱོགས་པོར་མ་བསྒྲུབས་ན་རང་གི་མི་ཚེ་དོན་མེད་དུ་འགྲོ་ཉེན་ཡོད་བསམ།


カテゴリ: [ཉིན་རེའི་བསམ་འཆར།] - TrackBack(0) - 2007年01月12日 23:48:24


ལྷ་སའི་ནང་ད་ལྟ་པར་ཤིང་ཐོག་པར་སྐྲུན་བྱེད་ཚུལ།



ད་ལམ་བདུན་ཤས་རིང་དཔེ་མཛོད་ཁང་ཁ་ཅིག་ནང་བཞུགས་སུ་གསོལ་ཡོད་པའི་བོད་ཡིག་དཔེ་ཆའི་དཀར་ཆག་བཟོ་པར་རོགས་པ་ཅུང་ཟད་བྱེད་བཞིན་ཡོད། བསྡོམས་ན་ཆོས་ཚན་དྲུག་བརྒྱ་ལས་འགལ་བ་ཙམ་ཡོད་པའི་དཔེ་ཆ་དེ་དག་ནི་སྔར་སྤྱི་ལོ་༡༩༩༧ལོར་དཔེ་མཛོད་ཁང་དེའི་དགེ་རྒན་ཞིག་གིས་སྐུལ་ངོར་གུས་ཕྲན་གྱིས་ལྷ་ས་ནས་ཉོས་པ་ཞིག་ཡིན། དཔེ་ཆ་དེ་དག་ད་ལྟ་མཇལ་ཚེ་དེ་སྐབས་ལྷ་སར་རག་བདེ་པོ་ཡིན་པ་ལ་ད་ལྟ་གཙ་བ་ནས་མེད་པ་མི་ཉུང་པ་ཞིག་མཐོང་ནུས། དེ་ལྟར་ཡིན་པས་དཔེ་ཆ་དེ་དག་གི་མཇུག་བྱང་པར་བྱང་རྣམས་ལ་ཞིབ་འཇུག་བྱས་ན་སྤྱིར་དེང་རབས་བོད་ཀྱི་ལོ་རྒྱུས་དང་སྒོས་སུ་ལྷ་སའི་པར་ཤིང་ཐོག་པར་སྐྲུན་གནས་ཚུལ་གསལ་པོར་ཤེས་ནུས་མཉམ།


カテゴリ: [ཉིན་རེའི་བསམ་འཆར།] - TrackBack(0) - 2006年12月06日 00:54:52



|新しいページ|検索|ページ一覧|RSS|@ウィキご利用ガイド | 管理者にお問合せ
|ログイン|